从今天开始,将持续在“宗萨快讯”版块对整个宗萨寺以及地方的消息进行报道。在寺庙的安排下,暂时由夏莱旺扎负责采编。
初善之报道则是:依怙主宗萨钦则仁波切身体康健,目前正在不丹东部进行掘藏师白玛林巴之伏藏法的灌顶和口传。
另外,在2014年元旦的下午,宗萨大堪布彭措郎加细致视察了乌则拉康重建工作的木工进展。随后即安排嘎毛道仓闭关师以及护关者的生活资金。
(——旺扎)
དེ་རིང་ནས་བཟུང་མུ་འཐུད་དེ་རྫོང་སར་ཡུལ་དགོན་ཡོངས་ཀྱི་གནས་ཚུལ་གསར་པ་འགའ་པར་རིས་དང་ལྷན་དུ་རྫོང་སར་ཕོ་ཉ་ཞེས་པའི་དྲྭ་ལམ་དུ་སྤེལ་རྒྱུ། དགོན་པས་བཀོད་བསྒྲིག་བྱས་ཡོད་ཅིང་། གནས་ཚུལ་འགོད་པ་པོའི་འགན་ནི་གནས་སྐབས་སྐྱ་ལོད་དབང་དྲག་ནས་ཁུར་རྒྱུ་ཡིན། དེ་ལ་ཐོག་མར་དགེ་བའི་གནས་ཚུལ་དང་པོ་འགོད་རྒྱུ་ནི། སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་མཆོག་སྐུ་གཟུགས་གསལ་དྭངས་ཡིན་པ་མ་ཟད། ད་སྐབས་འབྲུག་ཤར་ཕྱོགས་སུ་གཏེར་སྟོན་པདྨ་གླིང་པའི་གཏེར་ཆོས་སྐོར་གྱི་དབང་ལུང་སྩལ་བཞིན་པ་རེད། གཞན་ཡང་དེ་རིང་སྤྱི་ཟླ་དང་པོའི་ཚེས་གཅིག་ཉིན་གྱི་ཕྱི་དྲོ། ྄༧རྫོང་སར་མཁན་ཆེན་ཕུན་ཚོགས་རྣམ་རྒྱལ་མཆོག་དབུ་རྩེའི་ལྷ་ཁང་ཉམས་གསོའི་ཤིང་ལས་ལ་གཟིགས་ཞིབ་གནང་བ་དང་། དེ་རྗེས་དཀར་མོ་སྟག་ཚང་གི་སྒྲུབ་གྲྭ་བ་གཡོག་དང་བཅས་པ་ལ་འཚོ་ཐེབས་གནང་བའི་སྐོར་གྱི་སྤར། དབང་དྲག་ནས།
སུང་།
|
|
|