由于前几日当地没有信号,导致不能及时发布宗萨新闻,敬请谅解。
现将近日来的相关消息一并发布如下。
2014年1月3日,堪布彭措郎加前往白玉县赠科乡帮宗寺。
4日,为200余名僧众传授了吉祥喜金刚灌顶的前行准备;并向1000余名群众传授了观音的随赐灌顶。
5日,为僧众传授了吉祥喜金刚灌顶的正行,以及宝帐怙主八尊、四面怙主、骑虎怙主的随赐灌顶。
6日,为僧众传授了大威德灌顶的前行准备;并向2000余名群众传授了《三根本合修法》的灌顶。
7日,为僧众传授了大威德灌顶的正行,以及空行母法的加持灌顶。并在道毛寺为新落成的佛殿做了开光,向20余名学员传授了初学课诵中的《文殊赞》、《八吉祥》等内容的口传,并做了开示。
8日,在帮宗寺,为僧众传授了普明灌顶,以及狮面母、不动佛、忿怒莲师的随赐灌顶。
9日,早早就到了章都寺,按照《三根本合修法》为已然建成的佛殿做了开光。向1000余名群众做了开示,并传授了三根本长寿灌顶。为30余僧众传授了白哈王主从五尊灌顶。
10日,抵达热加寺,向2000余群众做了开示。
随后就返回了宗萨。
明日将参加宗萨当地佐达村民斋戒的酬谢会供;并会向群众传授长寿灌顶。
从12日起,将会向少数弟子做《言教甘露滴》、《二品续》的引导。
并计划闭关数月。
ཉིན་ཤེས་འཕྲིན་བརྡ་མེད་པའི་རྐྱེན་ལ་བརྟེན་ནས་གསར་འགྱུར་གཏང་ཐུབ་མ་སོང་བས་དགོངས་འགལ་མེད་པར་ཞུ་བ་དང་ཆབས་གཅིག་དེ་རིང་ཉིན་ཤེས་ཀྱི་གསར་འགྱུར་སྡོམ་ནས་བཀོད་ན། སྤྱི་ལོ་༢༠༡༤ལོར་ཟླ་༡པོའི་ཚེས་༣ཉིན་རྫོང་སར་མཁན་ཕུན་ཚོགས་རྣམ་རྒྱལ་དཔལ་ཡུལ་རྫོང་འཛིན་ཁོག་ཤང་། སྤོམ་འཛོམ་དགོན་དུ་ཕེབས། ཚེས་༤ཉིན་བླ་གྲྭ་༢༠༠ལྷག་ཙམ་ལ་དཔལ་ཀྱེ་ཡི་རྡོ་རྗེའི་སྟ་གོན་དང་། མི་སེར་སྟོང་ལྷག་ཙམ་ལ་སྤྱན་རས་གཟིགས་ཀྱི་རྗེས་གནང་སྩལ། ཚེས་༥ཉིན་བླ་གྲྭ་རྣམས་ལ་ཀྱེ་རྡོར་དངོས་གཞི་དང་།གུར་ལྷ་བརྒྱད། དཔལ་མགོན་ཞལ་བཞི་པ། མགོན་པོ་སྟག་ཞོན་བཅས་ཀྱི་བརྗེས་གནང་བཅས་གནང་། ཚེས་ ༦་ཉིན་བླ་གྲྭ་རྣམས་ལ་འཇིག་བྱེད་སྟ་གོན་དང་། མི་སེར་སྟོང་༢་ལྷག་ཙམ་ལ་རྩ་གསུམ་དྲིལ་སྒྲུབ་ཀྱི་དབང་གནང་། སྤྱི་ཚེས་༧ཉིན་བླ་གྲྭ་རྣམས་ལ་འཇིག་བྱེད་དངོས་གཞིའི་དབང་དང་། མཁའ་སྤྱོད་བྱིན་རླབས་བཅས་གནང་། སྟག་མོ་དགོན་ལྷ་ཁང་གསར་པར་རབ་གནས་དང་སློབ་ཆུང་སློབ་གྲྭ་བ་༧༠ལྷག་ཙམ་ལ་འཇམ་དཔལ་གང་བློ་མ་དང་བཀྲ་ཤིས་བརྒྱད་པ་སོགས་སློབ་ཆུང་བའི་ཞལ་འདོན་རྣམས་ཀྱི་ལུང་དང་བཀའ་སློབ་བཅས་གནང་། ཚེས་༨ ཉིན་སྤོ་འཛམ་དགོན་དུ་བླ་གྲྭ་རྣམས་ལ་ཀུན་རིག་དབང་དང་། སེང་གདོང་མའི་རྗེས་གནང་། མི་འཁྲུགས་རྗེས་གནང་གུ་རུ་དྲག་པོའི་རྗེས་གནང་བཅས་སྩལ། སྤྱི་ཚེས་༩ སྔ་མོར་སྦྲ་ཐོ་དགོན་དུ་ཕེབས་པའི་མགོན་ཁང་ལེགས་གྲུབ་སུ་བྱུང་ཡོད་པ་ལ་རྩ་གསུལ་དྲིལ་བསྒྲུབ་ཀྱི་སྒོ་ནས་རབ་གནས་དགེ་ལེགས་ཆར་འབེབས་དང་མི་སེར་སྟོང་ལྷག་ཙམ་ལ་བཀའ་སློབ་དང་རྩ་གསུམ་ཚེ་དབང་། བླ་གྲྭ་༣༠ཙམ་ལ་རྒྱལ་པོ་སྐུ་ལྔའི་དབང་བཅས་གནང་། སྤྱི་ཚེས་༡༠ཉིན་རབ་ཆབ་དགོན་ལ་ཕེབས་ནས་མི་སེར་སྟོང་གཉིས་ལྷག་ཙམ་ལ་བཀའ་སློབ་གནང་ཟིན་ནས་ད་ལྟ་རྫོང་སར་དགོན་ནང་ཐོན་ཙམ་ཡིན། སང་ཉིན་རྫོང་སར་གི་ཡུལ་ཚོ་འཛོ་མདའ་གྲོང་པས་སྨྱུང་གནས་ཀྱི་གཏང་རག་ཚོགས་འཁོར་དང་ས྄ན་ཤོད་མི་མང་ལ་ཚེ་དབང་བཅས་བསྐུར་རྒྱུ་ཡིན། གནང་སྤྱི་ཚེས་༡༢ནས་སློབ་བུ་ཉུང་ཤེས་ལ་ཞལ་ལུང་བདུད་རྩི་ཐིག་པ་དང་རྒྱུད་རྟག་གཉིས་བཅས་ཁྲིད་རྒྱུ་དང་ཟླ་ཤེས་སྐུ་འཚམ་འདུག་རྒྱུ་འཆར་བཞི་རེད་འདུག་པ་བཅས་རྫོང་སར་ནས།
སུང་།
|