首 页  宗萨快讯  历史传承  利美教言  五明文化  修行圣地  麦宿生活
   
  首页>宗萨快讯
宗萨普马佐达村民观音斋戒圆满结束
作者:      发布时间:2016-09-03 19:53:33

2014年1月11日,在宗萨普马佐达村民8次(每次2日,共计16日)观音斋戒圆满结束的酬谢会供中,彭措郎加和桑珠二位大堪布,向千余名群众传授了长寿灌顶,并做了开示。
以下则是宗萨堪布彭措郎加向斋戒行者们的部分开示内容。 
比起来前些年参加斋戒的人数,去年和今年就越来越少了。这是什么原因呢?
如果说是喜新厌旧,倒也对。谁不喜新厌旧啊?!但是,对于衣食和朋友,倒是可以喜新厌旧------只是这并不是个好人。
对于佛法,喜新厌旧是不可以的。为什么呢?
因为斋戒等佛法的修行目的,暂时的,是疾病与痛苦的祛除,事业顺利,对临终和来生有益。究竟而言,则是证得佛果。
所以说,对佛法的喜新厌旧,难道不是自我欺骗吗?!
如果我们也在佛法上喜新厌旧,那在你们面前,我就不说病痛,而是说我不病了!
病是不会对我们喜新厌旧的!死主是不会对我们喜新厌旧的!
所以,还是希望明年参加斋戒的人数能多起来。也期望村领导能根据大家的心愿,做好规范,鼓励大家多参加斋戒。
(——旺扎报道)



སྤྱི་ལོ ༢༠༡༤ ལོའི་སྤྱི་ཟླ་དང་པོའི་ཚེས་ ༡༡ ཉིན་རྫོང་སར་ཕུ་མ་ཛཾ་མདའ་གྲོང་གི་ཐུགས་རྗེ་ཆེན་པོའི་སྨྱུང་གནས་ཆ་བརྒྱད་ལེགས་གྲུབ་ཀྱི་གཏང་རག་ལ༧རྫོང་སར་མཁན་ཆེན་ཕུན་ཚོགས་རྣམ་རྒྱལ་མཆོག་དང་མཁན་ཆེན་བསམ་འགྲུབ་རྣམ་གཉིས་ཀྱིས་སེར་སྐྱ་ཆིག་སྟོང་ལྷག་ལ་ཚེ་དབང་དང་བཀའ་སློབ་སྩལ་བ་ལས། རྫོང་སར་མཁན་པོ་ཕུན་ཚོགས་རྣམ་རྒྱལ་མཆོག་གིས་སྨྱུང་གནས་བ་རྣམས་ལ་བཀའ་སློབ་གནང་བའི་དུམ་བུ་གཅིག་འདིར་བཀོད་པ་ལ། ལོ་ཤས་སྔོན་སྨྱུང་གནས་འདུག་མཁན་ལས། ད་ལོ་ན་ནིང་འདུག་མཁན་གྲངས་ཉུང་དུ་སོང་འདུག། དེའི་རྒྱུ་མཚན་གང་ཞིག་ཡིན་ནམ། གལ་ཏེ་ཨ་གསར་ཆེ་བའི་རྒྱུ་མཚན་གྱིས་ཡིན་ན་ནི། བདེན་རྒྱུ་རེད་མི་ཚང་མར་ཨ་གསར་མེད་མཁན་སུ་ཡོད། འོན་ཀྱང་སྤྱིར་ཟས་གོས་དང་། གྲོགས་པོའི་བར་ལ་ཨ་གསར་ཆོག་རྒྱུ་རེད། རེད་དེ་དེ་ཡང་མི་ཡག་པོ་ཞིག་མ་རེད། ཡིན་ན་ཡང་ཆོས་སྒྲུབ་རྒྱུ་ལ་ཨ་གསར་བྱེད་མི་རུང་བ་རེད། རྒྱུ་མཚན་སྨྱུང་གནས་ལ་སོགས་པའི་ཆོས་བསྒྲུབ་པའི་དམིགས་ཡུལ་དེ་ནི་གནས་སྐབས་ནད་དང་སྡུག་བསྔལ་སེལ་བ་དང་། བྱ་བ་ལམ་འགྲོའི་ཆེད་དང་། འཆི་ཁ་དང་སྐྱེ་བ་ཕྱི་མ་ལ་ཕན་པའི་ཆེད་དང་། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་རེད། དེས་ན་ཨ་གསར་ཆོས་ལ་བྱས་ན་རང་གིས་རང་ལ་མགོ་སྐོར་ཐེབས་སོང་བ་མ་ཡིན་ནམ། གལ་སྲིད་ང་ཚོས་ཆོས་སྒྲུབ་པ་ལ་ཨ་གསར་བྱས་ཀྱང་། ཁྱོད་སྔར་ངས་ཨ་གསར་བྱས་ནས་ན་ཚར་བས་ད་ན་རྒྱུ་མ་ཡིན་ཟེར་བ་ལྟ་བུ། ནད་ཀྱིས་ང་ཚོ་ལ་ཨ་གསར་བྱེད་མི་སྲིད་ཅིང་། འཆི་བདག་གིས་ཀྱང་ང་ཚོ་ལ་ཨ་གསར་བྱེད་ཀྱི་མ་རེད། དེར་བརྟེན་ཚང་མས་ལོ་རྗེས་མར་སྨྱང་གནས་སྐབས་མི་མང་དུ་འགྲོ་བའི་རེ་བ་མཛད་རྒྱུ་མ་ཟད། གྲོང་པའི་འགོ་ཁྲིད་རྣམ་པས་ཀྱང་མི་མང་ཆེ་བའི་བསམ་འཆར་དང་བརྟུན་ནས་མི་མང་ཙམ་སྨྱུང་གནས་ལ་ཞུགས་ཐུབ་པའི་བསྒྲིགས་ལམ་ཞིག་ལ་ཤུགས་སྣོན་བརྒྱབ་རོགས་ཞེས་འབོད་བསྐུལ་ཞུ་རྒྱུ་ཡིན། ཞེས་རྫོང་གྲྭ་དབང་གྲགས་ཀྱིས།

 

སུང་།

   
 

钦哲基金会 | 悉达多本愿会 | 正见网站 | 正法源学佛会

主办单位:四川德格宗萨寺寺院管理委员会
Copyright © DZONGSAR MONASTERY Maisu Dege Sichuan China
E-mail: degezongsa@163.com